འབྲི་རུ་སྐལ་བཟང་རྒྱལ་མཚན་གྱི་ཡིག་ཚགས།

ཞང་ཞུང་ཆོས་དབང་གྲགས་པ་སྐུ་ཕྲེང་བཅུ་གཉིས་པ།
འབྲི་རུ་ཞབས་དྲུང་བསྟན་འཛིན་མཁས་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག །ཡབ་སྲི་གནོན་གཡང་སྐྱབས་དང༌། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་ ༡༩༧༧ ལོར་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་སྒར་གྱི་ཁོངས་སུ་སྐུ་འཁྲུངས། འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་མི་ཡི་གར་གྱི་རྣམ་པར་རོལ་པ་ཆེན་པོ་མཆོག་གིས་སྒྲིབ་མེད་ཡེ་ཤེས་དབྱིངས་དཔྱད་ཀྱིས་ ༡༩༨༨ ཞང་ཞུང་ཆོས་དབང་གྲགས་པ་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་དགུའི་ཐོག་གཙུག་ཕུད་འབུལ་བཞེས་ཀྱིས་མཚན་བསྟན་འཛིན་མཁས་གྲུབ་ཞེས་གསོལ་བསྩལ་གནང༌། ལོ་དེར་སྐུ་གོང་མ་རིམ་པའི་མཛད་ལམ་བཞིན་སེ་ར་ཐེག་ཆེན་གླིང་ཚོགས་ཆེན་དང་སེར་སྨད་གྲྭ་ཚང་བཅས་སུ་སྤྲུལ་སྐུ་ཆེ་ཁག་གི་གདན་འཐོབ་ཐོག་ཆོས་བཞུགས་གནང༌། གནས་ལྔ་རིག་པའི་དབང་ཕྱུག་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་དྲུང་དུ་གཙུག་ལག་ཀུན་གྱི་ཕྱི་མོ་ཀློག་བསླབ་པའི་འགོ་འཛུགས་གནང་ནས་ཀློག་ལ་བྱང་པར་སྦྱངས། ༡༩༩༠ ལོར་དགེ་ཚུལ་གྱི་བསླབ་སྡོམ་ནོད་བཞེས་མཛད། ལོ་དེར་སེར་སྨད་གྲྭ་ཚང་གི་ཆོས་རཪ་ཆོས་ཞུགས་གནང་ནས་གནས་ལྔ་རིག་པའི་དབང་ཕྱུག་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་དང་། དགེ་བའི་བཤེས་གཉེན་ཆེན་པོ་ཐུན་བསྟན་རིན་ཆེན་གཉིས་རིགས་ཀྱི་ཅོད་པན་དུ་བཞེས། ༡༩༩༧ རིགས་ཆུང་ཚོགས་བཞེངས་དང་། ༡༩༩༨ ལོར་འཇང་དགུན་ཆོས་ཆེན་མོའི་དམ་བཅའ་འཇོག་གནང་མཛད། ༢༠༠༤ ལོར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ༢༠༠༥ རིགས་ཆེན་ཚོགས་བཞེངས་མཛད། ༢༠༠༨ དང་༢༠༡༠བཅས་བཀའ་རམས་ལོ་རིམ་དང་པོ་དང་གཉིས་པའི་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ལེགས་སོན་གནང་། ༢༠༡༣ ལོར་འཕགས་བོད་ཀྱི་གཞུང་ལུགས་རབ་འབྱམས་ལ་གསན་བསམ་ལེགས་གྲུབ་ཟིན་པའི་འབྲས་རྟགས་སུ་གྲྭ་ཚང་རིན་པོ་ཆེ་ནས་དགེ་བཤེས་ཚོགས་རམས་ཀྱི་མཚན་རྟགས་གསོལ་བསྩལ་གནང་བ་བཞིན་གཞུང་ཆེན་ཁག་གི་དམ་འཇོག་དང་འབྲེལ་གྲྭ་ཚང་རིན་པོ་ཆེར་བཀའ་དྲིན་གྱི་ཆ་ཤས་བསབ་ཕྱིར་བསྙེན་བཀུར་དང་སྤྱི་འབུལ་རྒྱ་ཆེན་འཇོག་གནང་མཛད། དེ་བཞིན་གདན་ས་ཆེན་པོ་བཞི་ལ་མང་ཇ་བསྙེན་བཀུར་ཟབ་རྒྱས་འབུལ་གནང་མཛད། ༢༠༡༤ ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་ཟབ་མོ་རྡོ་རྗེ་ཐེག་པའི་གཞུང་ལ་གསན་བསམ་ལེགས་གྲུབ་གནང་། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་རྣམས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན་བཞེས་མཛད། ཐོས་དོན་བསྒྲུབ་ལ་བརྩོན་པ་མཛད་དེ་ཡི་དམ་ཁག་གི་ལས་བསྙེན་ཁ་སྐོང་དང་བཅས་པ་མཛད། ད་ཆར་དད་ལྡན་སློབ་མ་རྣམས་ཀྱི་རེ་འདོད་བཞིན་ཨོ་སི་ཏྲི་ལི་ཡར་བཞུགས་ཏེ་བསྟན་འགྲོ་སྨན་པའི་མཛད་བཟང་སྐྱོང་བཞིན་པ་ལགས་སོ།།

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

ཞང་ཞུང་ཆོས་དབང་གྲགས་པ་སྐུ་ཕྲེང་བཅུ་གཅིག་པ།
འབྲི་རུ་ཞབས་དྲུང་མཁས་གྲུབ་བསྟན་འཛིན་འཇིགས་བྲལ་ཆོས་ཀྱི་རྒྱལ་མཚན་མཆོག །ཡབ་འཇམ་དཔལ་ཀུན་བཟང་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་ཤིང་ཕོ་བྱི་བའི་ལོ་སྟེ། ༡༩༢༤གཙང་ཁལ་ཁ་མན་ལུང་བླ་བྲང་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། ༸གོང་ས་༸སྐྱབས་མགོན་བཅུ་གསུམ་པ་ཆེན་པོས་འབྲི་རུ་ཞབས་དྲུང་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོ་འཛིན་གནང་། ༡༩༢༧ ལོར་རྗེ་གོང་མ་ན་རིམ་གྱི་མཛད་ལམ་བཞིན་གང་གི་གདན་ས་འབྲི་རུ་དགོན་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ། དེ་ནས་རིམ་བཞིན་ཡོངས་འཛིན་རིགས་སྨྲའི་དབང་ཕྱུག་དགེ་བའི་གཤེས་གཉེན་ཆེན་པོ་བརྩོན་འགྲུས་རྒྱ་མཚོ་སོགས་ལས་ཡི་གེ་འབྲི་ཀློག་གིས་མཚོན་རིག་གནས་ལ་སྦྱངས། རྗེ་འདི་ཉིད་སྐུ་ན་ཤིན་ཏུ་ཕྲ་མོའི་དུས་ནས་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་མཚན་ཉིད་ཀྱི་གཞུང་བཀའ་པོད་ལྔའི་རྩོད་གྲྭ་གསར་འཛུགས་གནང་། དེ་ནས་སྤྲུལ་སྐུ་ཆེ་ཁག་གི་གདན་འཐོབ་ཐོག་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང༌དུ་ཆོས་ཞུགས་གནང༌། དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་བྱམས་པ་{ལྷོ་པ་བློ་དགའ་}རྒྱལ་རོང་བྱང་རྩེ་ཆོས་རྗེ་ངག་དབང་ཉི་མ་སོགས་མཁས་གྲུས་གཉིས་ལྡན་གྱི་ཡོངས་འཛིན་དུ་མའི་ཞབས་པད་སྤྱི་བོར་བཀོད་དེ། འཕགས་བོད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བསམ་ལྷོད་མེད་གནང་ནས་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་མཛད། གསང་ཆེན་རིག་པ་འཛིན་པའི་སྡེ་ཆེན་པོ་དཔལ་ལྡན་སྨད་རྒྱུད་དུ་གསང་སྔགས་ཀྱི་ཉམས་བཞེས་ལེགས་པར་གནང་སྟེ་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པའི་རྩེ་མོར་སོན། ༡༩༤༣ ལོ་རྗེ་ཉིད་ཀྱི་གདན་ས་འབྲི་རུ་དགོན་རྣམ་རྒྱལ་དཔལ་འབར་གླིང་དུ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར། བཀྲ་ཤིས་རི་བོ་ཀུན་དགའ་ཆོས་གླིང་དགོན་ཉམས་གསོ་མཛད་དེ་མཚན་ཉིད་ཀྱི་གཞུང་བཙུགས། ༡༩༧༧ལོར་གྲྭ་བཞི་བཙོན་ཁང་དུ་སྐུ་གཤེགས།

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

ཞང་ཞུང་ཆོས་དབང་གྲགས་པ་སྐུ་ཕྲེང་བཅུ་པ།
འབྲི་རུ་ཞབས་དྲུང་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག །ནགས་ཤོད་འབྲི་རུ་ཆུ་མ་གཞུང༌མཁར་སྔོན་གྱང་ཐེད་དུ་འབྱོར་པ་ཤིན་ཏུ་ཞན་པའི་དུད་ཁྱིམ་ཞིག་ཏུ་ཡབ་གཡང་སྐྱབས་དང་། ཡུམ་སྤྲང་མོ་སྙི་ལྷ་{གཡུ་ལྷ་}མའི་སྲས་སུ་སྐུ་གོང་པའི་ལུང་བསྟན་བཞིན་འཁྲུངས། སྐུ་འཁྲུངས་པའི་ནུབ་མོར་སྔར་བྱུང་མྱོང་མེད་པའི་གངས་ཆེན་པོ་ཞིག་བབས། ཕྱི་ཉིན་ཞོགས་པ་གཡམ་གུའི་(སྦྲ་ཆུང་)ཉེ་འཁོར་གངས་ཞུ་ནས་སྨུག་ཐིང་ངེར་ཡོད་པ་གྲོང་མི་ཚོས་མཐོང་སྐབས། དེ་རིང་ཞོགས་པར་སྤྲང་མོ་སྙི་ལྷའི་སྔ་ལང་ཞེས་ལབ་གླེང་སྣ་ཚོགས་བྱུང་། དེའི་ནུབ་མོར་ཆུ་སྣོད་ནང་གི་ཆུ་འོ་མར་གྱུར་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང༌། སྐུ་གཞོན་ནུའི་དུས་ནས་ཞང་ཞུང་ཆོས་དབང་གྲགས་པ་ངག་དབང་དགེ་ལེགས་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་གྱིས་གདན་ས་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་གསེར་ཁྲིར་མངའ་གསོལ། སེ་ར་ཐེག་པ་ཆེན་པོའི་གླིང་དུ་ཆོས་ཞུགས་གནང་ནས་ཡོངས་འཛིན་བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་ཏེ་ གཞུང་ལུགས་དགོངས་འགྲེལ་དང་བཅས་པ་ལ་གསན་བསམ་མཛད། དམ་པ་འདི་ཉིད་ཕྱི་ཚུལ་ལ་སྦྱངས་སྟོབས་ཀྱི་ཡོན་ཏན་དེ་ཙམ་མེད་ཚུལ་བསྟན་ཀྱང༌། སློབ་གཉེར་ཟིན་མཚམས་དགེ་བཤེས་ཀྱི་མཚན་རྟགས་གྲྭ་སྐོར་དམ་བཅའི་སྐབས། གདན་སའི་མཁས་དབང་སྟོང་ཕྲག་མང་པོའི་དབུས་སུ། བློ་གསལ་རིགས་པ་སྨྲ་བ་རྣམས་ཀྱིས་བཀའ་པོད་ལྔ྄འི་རྩ་འགྲེལ་གཞུང་དོན་དང་མཐུན་པའི་བརྒལ་རྟགས་ཀྱིས་རྟགས་གསལ་ཕུལ་བར། རྒྱལ་བའི་གསུང་རབ་དྲང་ངེས་ཀྱི་དགོངས་དོན་དང་མི་འགལ་ཞིང༌། གྲུབ་མཐའ་སོ་སོའི་བཞེད་ཚུལ་ཐ་དད་པའི་ཆ་ལེགས་པར་ཕྱེས་སྟེ། རང་ལུགས་ཀྱི་རིགས་པའི་འཛིན་མཚམས་མ་འཆུག་པའི་གསུང་ལན་ཐོགས་མེད་དུ་གནང་བས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ། སྤྱིར་དམ་པ་འདི་ཉིད་གྲུབ་ཐོབ་ཀྱི་ཚུལ་གནང་ནས་ངོ་མཚར་བའི་སྒྲུབ་རྟགས་སྣ་ཚོགས་གནང་། འདི་ཉིད་མཐུ་སྟོབས་ནུས་པའི་ཆ་ལ་གསང་བདག་དངོས་དང་འདྲ་བ་ཞིག་སྟེ། སེམས་ཅན་ལ་གནོད་འཚེ་བྱེད་མཁན་གྱི་མི་དང་མི་མ་ཡིན་གྱི་མཐུ་ནུས་ཀྱི་དཔའ་བཅོམ་པ་ལ་མཆོག་ཏུ་མངའ་བ་ནི། ལོང་ཆུང་སོགས་ཀྱི་གཏམ་རྒྱུད་ངོ་མཚར་བ་ལས་ཤེས། དེ་ལྟ་བུའི་མཐུ་སྟོབས་ནུས་པའི་དཔལ་མངའ་བའི་དམ་པ་དེ་ཉིད་ཀྱིས་མཛད་པ་དང་འཕྲིན་ལས་མཐའ་ཡས་པའི་སྒོ་ནས་སྐལ་ལྡན་གྱི་གདུལ་བྱ་ཐར་ལམ་དུ་འགོད་པ་སོགས་མཛད་པ་མཐར་ཕྱིན་ཅིང་གང་གི་གདན་ས་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་དགོངས་པ་ཞི་དབྱིངས་སུ་གཤེགས། རྒྱས་པར་ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཡིད་ཆེས་ཉི་གཞོན་འདྲེན་པའི་ངོ་མཚར་གཏམ་གྱི་ཤིང་རྟར་གསལ།།

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

ཞང་ཞུང་ཆོས་དབང་གྲགས་པ་སྐུ་ཕྲེང་དགུ་པ།
འབྲི་རུ་ཞབས་དྲུང་ངག་དབང་དགེ་ལེགས་བསྟན་པའི་རྒྱལ་མཚན་མཆོག །ནགས་ཤོད་འབྲི་རུ་རྦ་གོང་གྲོང་དུ་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་བརྒྱད་པ་འབྲི་རུ་ཞབས་དྲུང་ངག་དབང་བློ་བཟང་སྟན་པའི་དབང་ཕྱུག་གི་ཡང་སྲིད་དུ་ངོ་འཛིན་ཞུས་ཏེ། གང་གི་གདན་ས་འབྲི་རུ་དགོན་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་ཁྲི་གསོལ་མཛད། དེ་ནས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་མཛད་ནས་བཤེས་གཉེན་དམ་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་བློ་གསལ་རིགས་པ་སྨྲ་བ་བརྒྱ་ཕྲག་མང་པོ་དང་ལྷན་དུ། ཤིང་རྟ་ཆེན་པོ་གཉིས་ལ་སོགས་པའི་འཛམ་གླིང་མཛེས་པར་བྱེད་པའི་འཕགས་ཡུལ་གྱི་པཎ་གྲུབ་རྣམས་དང༌། བོད་གངས་ཅན་ལྗོངས་ཀྱི་ཤིང་རྟའི་སྲོལ་འབྱེད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྗེས་འབྲང་དང་བཅས་པའི་གཞུང་ལ་ཚིག་སྤྱི་དང་འོལ་སྤྱི་ཙམ་མ་ཡིན་པར་དྲི་མ་མེད་པའི་ལུང་དང་དངོས་སྟོབས་ཀྱི་རིགས་པའི་ལམ་ནས་དྲངས་ཏེ། རྣམ་པར་དཔྱོད་པའི་ཚུལ་ལ་གུས་རྟག་སྦྱོར་བའི་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་སློབ་གཉེར་མཐར་ཕྱིན་གནང་སྟེ། ལྷ་ལྡན་རབ་འབྱམས་པའི་མཚན་རྟགས་བཞེས། མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པའི་གོ་འཕང་བརྙེས། ཉིད་ཀྱི་གདན་ས་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་ཕེབས་ནས། གནས་དེར་གཉུག་མར་གནས་པ་དང་ཕྱོགས་མཐའ་ནས་དམ་ཆོས་བདུད་རྩི་དོན་དུ་གཉེར་བའི་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་ཏེ། བསྟན་པ་བཤད་སྒྲུབ་ཀྱི་སྒོ་ནས་ཉིན་མོ་ལྟར་གསལ་བར་མཛད། ལྷག་པར་དུ་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་འདོན་རྟ་དབྱངས། ཐིགས་རྡུལ་མཚོན་གྱེར་རོལ་མོ་སོགས། མཐོང་བ་བརྒྱུད་པའི་ཕྱག་བཞེས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སོགས་དག་ཐེར་ལེགས་པར་མཛད་པ་དང༌། གཞན་ཡང་འགྲོ་ཀུན་བསོད་ནམས་ཀྱི་ཞིང་དམ་པར་གྱུར་པ་ཚོགས་བསགས་སྒྲིབ་སྦྱངས་ཀྱི་རྟེན་མཐོང་བ་ཙམ་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ནུས་པ། དྲི་མེད་མཆོད་རྟེན་ཞེས་པ་སྐུ་ཚད་ཀྱང་གཙང་རྒྱལ་རྩེའི་མཆོད་རྟེན་དང་མཉམ་པ་གསར་བཞེངས་གནང་སྟེ། ནང་དུ་ཆོས་སྐུའི་རིང་བསྲེལ་གྲངས་ལས་འདས་པས་འགེངས་པ། གཟུངས་འཇུག་ཤིན་ཏུ་རྒྱས་པ། ཞབས་གདན་འཁོར་ལོ་རྒྱས་པ་ནང་བཞུགས་ཕུལ། གཞན་ཡང་དཔལ་ལྡན་དམག་ཟོལ་རྒྱལ་མོའི་སྒོ་ནས། རྟེན་བསྐང་ཟློག་གསུམ་གྱི་གཟུགས་འགྲོས་སྣ་ཚོགས་ཀྱི་པར་གཞི་གསར་སྐྲུན་གནང་བ། གསུང་རྩོམ་ཡང་མགོན་དཀར་ཡིད་བཞིན་ནོར་བུའི་ཐོག་བུམ་གཏོར་མའི་གཡང་སྒྲུབ་རྒྱས་པ་དང༌། དཔལ་ལྡན་ལྷ་མོའི་ཟློག་མདོས་ཀྱི་གཙང་སྒྲུབ་རྒྱས་པ། མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བསྟོད་བསྐུལ་རྒྱས་པ། དེ་རྣམས་ཀྱི་འཕྲིན་བཅོལ་སྤེལ་ཚིག་འདོད་གསོལ་དང་བཅས་པ། རྒྱལ་ཆེན་མེ་ལོང་གདོང་གི་གསོལ་མཆོད་རྒྱས་པ་དང་འཕྲིན་བཅོལ། རྒྱབ་རི་བཀྲ་ཤིས་ལྷ་རྩེའི་བསང་མཆོད་སོགས་བཀའ་རྩོམ་གནང་བ་བཅས་རྗེ་དེའི་བཀའ་དྲིན་བསམ་བརྗོད་ལས་འདས། སྐུ་ཚེ་འདི་ཡི་གདུལ་བྱ་རྫོགས་པ་ན་གདན་ས་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་ཞི་བར་གཤེགས་སོ། །

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་བརྒྱད་པ།
ངག་དབང་བློ་བཟང་བསྟན་པའི་དབང་ཕྱུག་ {བླ་རྒན་རྒྱ་ཡུ་} ཁོང་ནི་ཁྲི་རུ་དྲིལ་མདའ་པད་བཀྲ་ཚང་དུ་འཁྲུངས། བདག་ཉིད་ཆེན་པོ་འདིས་མཐུན་མོང་གི་སྣང་ཚོད་དུ་རྔོན་པའི་ཚུལ་གནང་སྟེ། ཤྭ་ཁྱི་མང་པོ་ཁྲིད་ནས་རི་དྭགས་གསོད་པ་སོགས་མཛད་པ་སྣ་ཚོགས་གནང་བར་བརྟེན་ཡུལ་ཁྲིམས་འགལ་བའི་ཉེས་པ་བགྲངས་ཏེ་གནས་ནས་བསྐྲད། རྗེ་འདིས་སྐུ་དངོས་ཀྱི་གདུལ་བྱ་བཀྲ་ཤིས་ནགས་ཀླུང་འབབ་པའི་མཛེས་ལྗོངས་སུ་ཡོད་པ་གཟིགས་ནས། སྦུས་མདའམ་ནགས་ཤོད་འབྲི་རུར་ཕེབས་ཏེ། སྔར་བཞིན་རི་དྭགས་བརྒྱབ་ནས་སྐབས་སྐབས་སུ་རི་དྭགས་རྒྱག་བྱེད་ཀྱི་ཕྱག་མདའ་ཉི་མའི་ཟེར་ལ་འགེལ་བ་དང༌། སྐབས་ལ་ལར་རི་དྭགས་བསད་པའི་རུས་གཞི་པགས་པར་བླུགས་ནས་སེ་གོལ་གཏོགས་པས་རི་དྭགས་སྔར་བཞིན་གསོན་པོར་གཏོང་བ་དང། ལ་ལ་དག་ཞིང་དུ་གནས་སྤར་བ་དང་། ལ་ལ་བསད་གསོ་མཛད་པ་སོགས་མཛད་པ་སྣ་ཚོགས་བསྐྱངས། ཁྱབ་བདག་སྟག་ཕུ་པ་དང་ཐོག་མའི་མཇལ་འཕྲད་སྐབས་ངོ་མཚར་འབྱམས་སུ་ཀླས་པའི་སྒྲུབ་རྟགས་སྟོན་རེས་མཛད་པ་སོགས་ཆེས་ངོ་མཚར་ཆེ་བའི་གཏམ་རྒྱུད་མང་དུ་ཡོད། ཁྱབ་བདག་སྟག་ཕུ་པ་ཆེན་པོས་སྒྲིབ་མེད་ཡེ་ཤེས་དབྱིངས་ཀྱིས་ཞང་ཞུང་པ་ཆོས་དབང་གྲགས་པའི་སྐྱེ་རབས་འཛིན་པ་འཁྲུལ་བའི་དྲི་མ་དང་བྲལ་བ་འདི་ཡིན་ཞེས་ངོས་འཛིན་གནང་ནས་ཞང་ཞུང་པ་ཆོས་དབང་གྲགས་པའི་གདན་ས་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ཞུས། དེ་ནས་བཟུང་སྐུ་ཕྲེང་ཟམ་མ་ཆད་དུ་ཕེབས་ནས་ཆོས་སྲིད་ཀྱི་མཛད་པ་ཐམས་ཅད་ཆོས་སྡེ་འདི་ཉིད་དུ་བསྐྱངས། སྤྱིར་གྲུབ་དབང་འདིས་ཕྱི་ཚུལ་ལ་རྔོན་པའི་སྤྱོད་པ་གནང་སྟེ། རི་དྭགས་རྒྱག་པ་དང་། མངོན་ཤེས་དང་རྫུ་འཕྲུལ་གྱི་མཛད་པ་མཐའ་ཡས་པའི་སྒོ་ནས་སྐྱེ་བོ་གྲངས་ལས་འདས་པ་དད་པའི་དཔལ་ལ་བཀོད། དེ་ལྟར་མཛད་པ་མཐར་ཕྱིན་ནས་གང་གི་གདན་ས་འབྲི་རུ་དགོན་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་དགོངས་པ་གཞན་དོན་དུ་གཤེགས་སྐབས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གར་སྟབས་ཇི་བཞིན་སྐུ་བཞེངས་གནང་སྟེ་གཤེགས་པ་སོགས་སྒྲུབ་རྟགས་སྣ་ཚོགས་བསྟན་པ་སྐལ་ལྡན་རྣམས་ཀྱི་མིག་གི་སྤྱོད་ཡུལ་དུ་གྱུར་ཏོ། །
རྒྱས་པར་ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཡིད་ཆེས་ཉི་གཞོན་འདྲེན་པའི་ངོ་མཚར་གཏམ་གྱི་ཤིང་རྟར་གསལ།

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་བདུན་པ།
མདོ་སྔགས་མངའ་བདག་བློ་བཟང་རྒྱལ་མཚན་དཔལ། ཞེས་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་མཚན་ཞབས་རི་ཁྲོད་པ་ཤི་ལཱའི་མིང་ཅན་ནམ། མཚན་དངོས་སུ་ཚུལ་ཁྲིམས་རྒྱ་མཚོ་རུ་འབོད་པས། ཕྱག་རྡོར་སྤྲུལ་པ་གུང་རུ་ཤར་པ་ཆོས་རྗེས་མཛད་པའི་རྗེ་ཆོས་དབང་གྲགས་པའི་འཁྲུངས་རབས་རྒྱས་པ་ལ་གཏུགས་ཏེ་མཛད་པའི། སྐྱིད་ཤོད་ཞབས་དྲུང་མཆོག་སྤྲུལ་རིན་པོ་ཆེའི་འཁྲུངས་རབས་དང་འབྲེལ་བའི་བརྟན་བཞུགས་བྱིན་རླབས་མཆོག་སྩོལ་དུ་གསལ་བ་ལས་གཞན་རྣམ་ཐར་རྒྱས་པ་མ་མཇལ།

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་དྲུག་པ།
༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་མཚན་ཞབས་རི་ཁྲོད་པ་ཤི་ལཱའི་མིང་ཅན་ནམ། མཚན་དངོས་སུ་ཚུལ་ཁྲིམས་རྒྱ་མཚོ་རུ་འབོད་པས། ཕྱག་རྡོར་སྤྲུལ་པ་གུང་རུ་ཤར་པ་ཆོས་རྗེས་མཛད་པའི་རྗེ་ཆོས་དབང་གྲགས་པའི་འཁྲུངས་རབས་རྒྱས་པ་ལ་གཏུགས་ཏེ་མཛད་པའི། སྐྱིད་ཤོད་ཞབས་དྲུང་མཆོག་སྤྲུལ་རིན་པོ་ཆེའི་འཁྲུངས་རབས་དང་འབྲེལ་བའི་བརྟན་བཞུགས་བྱིན་རླབས་མཆོག་སྩོལ་དུ་ངག་ལ་དབང་བསྒྱུར་བློ་བཟང་རྒྱ་མཚོའི་ཞབས། ཞེས་པ་སྐྱིད་ཤོད་ཞབས་དྲུང་ངག་དབང་བློ་བཟང་རྒྱ་མཚོ་ཞུ་བ་ཁོང་ནི། དྲུང་རམས་པ་བློ་བཟང་མཐུ་སྟོབས་ཀྱི་སློབ་མ་དང༌། རྒྱུད་སྨད་སྔགས་རམས་པ་ལྷུན་གྲུབ་དཔལ་འབར་གྱི་བླ་མ་ཡིན་འདུག་པ་ནི། སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོའི་གསན་ཡིག་ཏུ་སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་གསུང་འབུམ་གསན་པའི་བརྒྱུད་རིམ་དུ། དྲུང་རམས་པ་བློ་བཟང་མཐུ་སྟོབས། སྐྱིད་ཤོད་ཞབས་དྲུང་ངག་དབང་བློ་བཟང་རྒྱ་མཚོ་རྒྱུད་སྨད་སྔགས་རམས་པ་ལྷུན་གྲུབ་དཔལ་འབར། བཀའ་འགྱུར་བ་བློ་བཟང་ཐབས་མཁས་རྒྱ་མཚོ། ལྕགས་ར་སྤྲུལ་སྐུ་ངག་དབང་འཕྲིན་ལས་དཔལ་བཟང༌། བྲག་རི་ཁྱབ་བདག་བདེ་བའི་རྡོ་རྗེ་སོགས་བགྲངས་གནང་འདུག །

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་ལྔ་པ།
མངོན་སྤྱོད་མཐུ་མངའ་སངས་རྒྱས་མཐུ་སྟོབས་དཔལ། ཞེས་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་མཚན་ཞབས་རི་ཁྲོད་པ་ཤཱི་ལའི་མིང་ཅན་ནམ། མཚན་དངོས་སུ་ཚུལ་ཁྲིམས་རྒྱ་མཚོ་རུ་འབོད་པས། ཕྱག་རྡོར་སྤྲུལ་པ་གུང་རུ་ཤར་པ་ཆོས་རྗེས་མཛད་པའི་རྗེ་ཆོས་དབང་གྲགས་པའི་འཁྲུངས་རབས་རྒྱས་པ་ལ་གཏུགས་ཏེ་མཛད་པའི། སྐྱིད་ཤོད་ཞབས་དྲུང་མཆོག་སྤྲུལ་རིན་པོ་ཆེའི་འཁྲུངས་རབས་དང་འབྲེལ་བའི་བརྟན་བཞུགས་བྱིན་རླབས་མཆོག་སྩོལ་དུ་གསལ་བ་ལས་གཞན་རྣམ་ཐར་རྒྱས་པ་མ་མཇལ།

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་བཞི་པ།
སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས་ནི་སྐྱིད་ཤོད་ཞབས་དྲུང་བསྟན་འཛིན་བློ་བཟང་རྒྱ་མཚོའི་སྐུ་སྐྱེར་ངོས་འཛིན། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཡོས་ལོ་སྟེ་སྤྱི་ལོ་ ༡༦༣༩ ལོར་ཡབ་ཨ་ཁའི་ཆོས་ཀུར་གྱི་སྲས་སུ་སྐུ་འཁྲུངས། རྒྱལ་དབང་ལྔ་པ་ཆེན་པོ་དང༌། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་སློབ་མ་ཡིན། དབུས་དང་གཙང་སོགས་སུ་ཕེབས་མྱོང་ཞིང། ཁོང་ནམ་འདས་པའི་སྐོར་ལ་གསུང་འབུམ་ཁྲོད་ཀྱི་{གསུང་མགུར་ལུང་བསྟན་}ལྡེབ་གཉིས་ཅན་དེའི་པར་བྱང་དུ་ས་ལུག་ལོ་ནས་སྐུ་གཤེགས་པའི་བར་ལོ་ངོ་བཅུ་བདུན་སོང་ཞེས་པར་ལྟར་ན། རབ་བྱུང་གཉིས་པའི་མེ་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ་༡༦༩༣ལོར་འདས་པར་མངོན་ནོ། ཞེས་གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད་དུ་གསུངས་ཀྱང༌། ས་ལུག་ལོ་ནས་ལོ་བཅུ་བདུན་བརྩིས་ན་རབ་བྱུང་བཅུ་གཉིས་པའི་ཤིང་ཕག་ལོ་སྟེ་སྤྱི་ལོ་ ༡༦༩༥ ལོར་འདས་པ་མངོན་ནོ། །རྣམ་ཐར་ཞིབ་པར་མ་མཇལ། ཁོང་གི་གསུང་རྩོམ་ནི། དཔལ་རྡོ་རྗེ་སེམས་དཔའི་རྗེས་གནང་སོགས་ཀ་ནས་ཨའི་བར་ཆོས་ཚན་སོ་སོའི་མཚན་བཀོད་པ་ཞིག་གསུང་འབུམ་དཀར་ཆག་ཏུ་གསལ་ལོ། །

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།

ཞང་ཞུང་པ་ཆོས་དབང་གྲགས་པསྐུ་ཕྲེང་གསུམ་པ།
སྐྱིད་ཤོད་སྡེ་པ་བསྟན་འཛིན་བློ་བཟང་རྒྱ་མཚོ་ནི། ལྷ་ལྡན་སྐྱིད་ཤོད་དུ་ཡབ་མི་དབང་སྡེ་པ་གཡུལ་རྒྱལ་ནོར་བུ་དང༌། ཡུམ་ཞོལ་བཟའ་བྱམས་སེམས་དགོས་དགོས་གཉིས་ལ་སྲས་གསུམ་ལས་ཆུང་བ་སྐྱིད་ཤོད་སྡེ་པ་ཆོས་རྗེ་སྟེ་ཞབས་དྲུང་རིན་པོ་འདི་ཉིད་རབ་བྱུང་བཅུ་པའི་ཆུ་མོ་སྦྲུལ་ཕྱི་ལོ་༡༥༩༣ལོར་ལྷ་ལྡན་སྐྱིད་ཤོད་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་རབ་བྱུང་བཅུ་པའི་ཆུ་ཡོས་༡༦༠༣ལོར་དགའ་ལྡན་ཁྲི་ཆེན་དགེ་འདུན་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་མཚན་ལ་བསྟན་འཛིན་བློ་བཟང་རྒྱ་མཚོ་ཞེས་གསོལ། རྒྱལ་བ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་དང༌། པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་དྲུང་ནས་དབང་དང་རྗེས་གནང་མང་པོ་ཞིག་གསན། རྩེད་ཐང་བྱང་མ་ཁང་གསར་བ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་དགེ་རྒན་དུ་གདན་དྲངས་ཏེ་བསྡུས་གྲྭ་དང༌། ཕར་ཕྱིན། དབུ་མ། འདུལ་བ། མཛོད་བཅས་སྦྱངས་པ་མཐར་ཕྱིན་པ་མཛད། གཞན་ཡང་སྙན་ངག་སོགས་ཐུན་མོང་རིག་གནས་དང༌། གསང་སྔགས་རྒྱུད་སྡེ་རྣམ་བཞིའི་དབང་ལུང་ཁྲིད་སོགས་རྒྱ་ཆེར་གསན། དགུང་ལོ་ཉེར་གསུམ་བཞེས་པའི་ཚེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་དུ་དགེ་སློང་གི་སྡོམ་པ་བཞེས། བྱ་རྒོད་གཤོང་དུ་དབུ་ཚད་གཙོ་བོར་བྱས་པའི་དམ་བཅའ་བཞག །ངམ་རིང་དུ་ས་དགེའི་གྲྭ་ཚང་ཉེར་ལྔའི་དབུས་སུ་དཀའ་ཆེན་རྣམ་བཞིས་མཚོན་པའི་པུ་སྟི་བཅོ་བརྒྱད་ལ་གྲྭ་སྐོར་མཛད། བཀྲ་ཤིས་ལྷུན་པོར་པན་ཆེན་མདུན་མི་ཏྲ། རྡོར་ཕྲེང། འགྲེལ་པ་བཞི་སྦྲགས་སོགས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ནས་གཙང་ཁུལ་གྱི་དབེན་གནས་མང་པོར་སྒྲུབ་པ་ཉམས་བཞེས་གཙོ་བོར་མཛད། དགུང་ལོ་ཉེར་དྲུག་སྐབས་སྡེ་པ་སྐྱིད་ཤོད་པའི་རྫོང་གཞིས་རྣམས་གཙང་པས་འཕྲོག་པ་བཅས་དུས་ཟིང་ཆེ་བར་བརྟེན་རྗེ་འདི་ཉིད་མཚོ་སྔོན་ཕྱོགས་སུ་བྲོས་བྱོལ་ཕེབས་དགོས་བྱུང་སྟེ་མདོ་སྨད་ཀྱི་དགོན་སྡེ་བྱ་ཁྱུང༌སོགས་དགོན་སྡེ་མང་པོ་ཞབས་ཀྱིས་བཅགས། ཀོའུ་བ་ཆོས་ཀྱི་རྒྱ་མཚོ་སོགས་ལ་ཆོས་ཀ་རྒྱ་ཆེར་བསྩལ་བ་སོགས་། བསྟན་པ་དང་འགྲོ་བའི་དོན་མཐའ་ཡས་པ་མཛད་དེ་དགུང་ལོ་ཞེ་དྲུག་བཞེས་པ་རབ་བྱུང་བཅུ་གཅིག་པའི་ས་སྟག་༡༦༣༨ལོར་སྐུ་གཤེགས། རྗེ་འདིའི་རྣམ་ཐར་རྒྱས་པ་རྗེ་བཙུན་ཐམས་ཅད་མཁྱེན་པ་བསྟན་འཛིན་བློ་བཟང་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་དད་པའི་སྒོ་འབྱེད་ཅེས་བྱ་བ། མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་ཆེན་པོ་ཕྱག་ན་པདྨོ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་དུ་བཞུགས་པས་དེར་གཟིགས་པ་ཞུ།
ཁོང་གི་བརྩམས་ཆོས་ནི་བྲིས་མ་པོད་གཅིག་བཞུགས་ཞེས་གསུང་འབུམ་དཀར་ཆག་ཏུ་གསལ་ལོ།།

རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།