Voice of Tibet

སྲིད་སྐྱོང་མཆོག་ནས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ ༢༣ དང་མཇལ་འཕྲད་ཀྱིས་རྒྱ་ནག་གི་བྱ་འགུལ་ལ་གདོང་ལེན་དགོས་པའི་འབོད་སྐུལ།
སྲིད་སྐྱོང་མཆོག་ནས་ཁེ་ན་ཌར་གཞུང་འབྲེལ་འཚམས་གཟིགས་ཁྲོད་ཡུལ་དེའི་གྲོས་ཚོགས་འཐུས་མི་ ༢༣ དང་མཇལ་འཕྲད་གནང་སྟེ།  ༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་།  རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག  །དེ་བཞིན་བོད་ཀྱི་ལོ་རྒྱུས་ཐོག་རྒྱ་ནག་གི་འཁྱོག་བཤད་ལ་རྒོལ་ལན་བཅས་དོན་ཚན་གསུམ་གྱི་ཐོག་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་འདུག དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན།  ཉེ་ལམ་ཟླ་འདིའི་ཕྱི་ཚེས་ ༢༣ ནས་དབུ་འཛུགས་ཀྱིས་ཁ་སང་ཕྱི་ཚེས་ ༢༦ བར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཁེ་ན་ཌར་ཉིན་གྲངས་གསུམ་དང་ཕྱེད་ཀའི་རིང་གི་གཞུང་འབྲེལ་འཚམས་གཟིགས་ཁྲོད།  སྲིད་སྐྱོང་མཆོག་གིས་ཡུལ་དེའི་གྲོས་ཚོགས་འཐུས་མི་ ༢༣ དང་མཇལ་འཕྲད་ཀྱིས།  ཁེ་ན་ཌའི་གཞུང་གི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་རྒྱ་ནག་གིས་ཐེ་བྱུས་བྱེད་བཞིན་པ་དེར་གདོང་ལེན་གནང་དགོས་པ་དང་།  བོད་མི་རིགས་ཀྱི་སྐད་དང་ཆོས་རིག་ངོ་བོ་དང་བཅས་པ་རྩ་མེད་གཏོང་ཐབས་དང་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་གྱི་ལས་འགུལ་རྒྱ་སྐྱེད་གཏོང་ཕྱིར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཟིན་པར་རྒོལ་ལན་གནང་དགོས་པ།  མ་ཟད་བོད་དེ་སྔ་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་ལོ་རྒྱུས་ཀྱི་བྱུང་རབས་ཐོག་རྫུན་གཏམ་འཁྱོག་བཤད་སྤེལ་བཞིན་པ་ལ་རྒོལ་ལན་དགོས་པ་བཅས་གཙོ་བོ་དོན་ཚན་གསུམ་གྱི་ཐོག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག སྲིད་སྐྱོང་མཆོག་གིས་ད་དུང་།  བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ནམ་ཡང་བྱུང་མྱོང་མེད་པ་ནན་བརྗོད་གནང་བ་དང་སྦྲགས།  བོད་ཀྱི་དངོས་ཡོད་ལོ་རྒྱུས་འདིའི་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་པ་དེས་རྒྱ་ནག་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པར་གནོན་ཤུགས་སྤྲོད་ཐུབ་ཀྱི་ཡོད་པ་གསུངས་འདུག སྤྱིར་ཐེངས་འདིའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཁེ་ན་ཌར་གཞུང་འབྲེལ་མཚམས་གཟིགས་དེ་བཞིན་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ James Maloney ལགས་ཀྱིས་རྐང་འགན་བཞེས་པའི་ཐོག་གོ་སྒྲིག་ཞུས་པ་ཞིག་དང་།  སྲིད་སྐྱོང་མཆོག་ཡུལ་དེའི་ནང་འཚམས་གཟིགས་གནང་བཞིན་པའི་སྐབས་སུ།  སྐུ་ཞབས་ཁོང་གིས་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་བསྐྱར་དུ་བོད་མིའི་སྐུ་ཚབ་ཏུ་འདེམས་ཐོན་བྱུང་རྗེས་ Ottawa ཨོ་ཊ་ཝར་ཕྱིར་ཕེབས་པར་དགའ་བསུ་ཞུས་འདུག་པ་མ་ཟད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གོ་མ་འོངས་པའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་དབང་ཚད་ཆ་ཚང་༸གོང་ས་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད་པ་ནན་བརྗོད་གནང་འདུག  ཐེངས་འདིའི་ཁེ་ན་ཌར་གཞུང་འབྲེལ་འཚམས་གཟིགས་ཁྲོད་སྲིད་སྐྱོང་མཆོག་གིས།  ཡུལ་དེའི་ནང་རྟེན་གཞི་བྱས་པའི་ Optimum Publishing International ཞེས་ཁེ་ན་ཌའི་རང་དབང་ཅན་གྱི་རྒྱལ་སྤྱིའི་པར་སྐྲུན་ཁང་གིས་ Tibet Was Never Part of China Since Antiquity ཞེས་བོད་དེ་གནའ་སྔ་མོ་ནས་ནམ་ཡང་རྒྱ་ནག་གི་ཆ་ཤས་བྱུང་མྱོང་མེད་ཅེས་རྒྱ་རིགས་སློབ་དཔོན་ཆེན་མོ་ Professor Hon-Shiang Lau ལགས་ཀྱི་ཕྱག་དེབ་དྲིལ་བསྒྲགས་ཆེད་དུ་གོ་སྒྲིག་ཞུས་པའི་དཔེ་དེབ་དབུ་འབྱེད་དང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུའང་མཉམ་ཞུགས་གནང་ཡོད་པ་དང་།  འདུ་འཛོམས་ཐོག་སྲིད་སྐྱོང་མཆོག་གིས།  ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ཤེས་དགོས་པ་དང་།  རྒྱ་ནག་གིས་བོད་ལ་སོགས་པའི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་གྱི་བྱ་འགུལ་སྤེལ་བཞིན་པ་དེ་དག་རིང་མིན་རྒྱལ་མཚམས་ལས་བརྒལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཏུའང་སྤེལ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ།  དེ་བཞིན་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་ལ་ཐེ་བྱུས་ཀྱི་བདག་དབང་རྩ་བ་ནས་མེད་པ་མ་ཟད།  བོད་ནི་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ནམ་ཡང་བྱུང་མྱོང་མེད་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་རེད།  […]

The post སྲིད་སྐྱོང་མཆོག་ནས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ ༢༣ དང་མཇལ་འཕྲད་ཀྱིས་རྒྱ་ནག་གི་བྱ་འགུལ་ལ་གདོང་ལེན་དགོས་པའི་འབོད་སྐུལ། appeared first on vot.

ཨ་རིའི་ས་གནས་བོད་མི་རུ་ཁག་ཅིག་ནས་ཁུལ་དེའི་ཉམ་ཐག་ཡུལ་མི་ཚོའི་ཆེད་དུ་མ་དངུལ་བསྡུ་རུབ་ཀྱི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་འདུག
ཨ་རིའི་ Massachusetts མཱེ་ས་ཆུ་སེཊ་ས་གནས་བོད་རིགས་མཐུན་ཚོགས་ཀྱི་སྣེ་ཁྲིད་འོག་གི་བོད་མི་རུ་ཁག་ཅིག་ནས་ 17th Annual March for the Food Bank ཞེས་ཁུལ་དེའི་ནང་གི་ཉམ་ཐག་ཚོའི་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་ཕྱིར་དུ་མ་དངུལ་བསྡུ་རུབ་ཀྱི་གོམ་བགྲོད་ལས་འགུལ་ཐེངས་ ༡༧ པའི་ནང་མཉམ་ཞུགས་གནང་འདུག་པ་དང་།  ཉིན་གྲངས་གཉིས་རིང་སྤྱི་ལེ་ ༧༤ ལྷག་གི་གོམ་བགྲོད་ལས་འགུལ་དེ་སྣེ་ཁྲིད་གནང་མཁན་ཁོངས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern ལགས་ཀྱང་ཡོད་པ་རེད་འདུག རྩ་བའི་ The March for the Food Bank ཞེས་པའི་ལས་འགུལ་དེ་ནི་ཨ་རིའི་མཱེ་ས་ཆུ་སེཊ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ The Food Bank of Western Massachusetts སྤྱི་ཚོགས་ཞབས་ཞུ་ཚོགས་པས་ལོ་ལྟར་གོ་སྒྲིག་ཞུ་ཡི་ཡོད་པ་དང་།  ལས་འགུལ་དེ་ཡང་ཐོག་མར་ཕྱི་ལོ་ ༢༠༡༠ ལོར་ཁུལ་དེའི་རླུང་འཕྲིན་ཁང་ཞིག་གི་ནང་དམིགས་བསལ་ལས་རིམ་གཙོ་སྐྱོང་ཞུ་མཁན་ Monte Belmonte ལགས་ཀྱིས་ས་གནས་མི་མང་ཁྲོད་ཉམ་ཐག་ཚོར་ཟས་འཐུང་གི་དཀའ་སྡུག་འཕྲད་བཞིན་པར་གོ་རྟོགས་སྤེལ་ཆེད་དུ་དབུ་འཛུགས་གནང་བ་ཞིག་རེད་འདུག་ལ།  འདི་ལོའི་གོམ་བགྲོད་ལས་འགུལ་ཐོག་ཚོགས་པའི་ངོས་ནས་ཨ་སྒོར་ ༨,༠༠,༠༠༠ ཀྱི་མ་དངུལ་བསྡུ་རུབ་གནང་འཆར་ཡོད་པ་ལྟར།  ཉེ་ལམ་ཉིན་གྲངས་གཉིས་རིང་གི་ལས་འགུལ་ཁྲོད་ཨ་སྒོར་ ༧,༥༧,༠༠༠ བསྡུ་རུབ་གནང་ཐུབ་འདུག་ལ།  ཞལ་འདེབས་བསྡུ་རུབ་དེ་བཞིན་ཟླ་རྗེས་མའི་ཕྱི་ཚེས་ ༣༡ བར་དྲྭ་ཐོག་ཏུ་མུ་མཐུད་ནས་འགྲོ་བཞིན་པ་རེད་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་གནས་ཚུལ་ནང་།  ཨ་རིའི་ Massachusetts མཱེ་ས་ཆུ་སེཊ་ས་གནས་བོད་རིགས་མཐུན་ཚོགས་ཀྱི་སྣེ་ཁྲིད་པའི་བོད་མི་རུ་ཁག་ Team Tibet […]

The post ཨ་རིའི་ས་གནས་བོད་མི་རུ་ཁག་ཅིག་ནས་ཁུལ་དེའི་ཉམ་ཐག་ཡུལ་མི་ཚོའི་ཆེད་དུ་མ་དངུལ་བསྡུ་རུབ་ཀྱི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་འདུག appeared first on vot.

བློ་དགའ་རང་བཙན་ལགས་དང་། མགོན་པོ་སྐྱིད་ལགས། འཇམ་དབྱངས་ནོར་བུ་ལགས་སུ་ ༢༠༢༦ ལོའི་ལྷག་དཀར་གཟེངས་རྟགས་ཕུལ་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་དོན་འཐབ་རྩོད་ལས་འགུལ་ལ་བྱས་རྗེས་ཅན་ཚོར་ཆེ་མཐོང་ངོས་འཛིན་ཞུ་རྒྱུའི་ཕྱི་ལོ་ ༢༠༢༦ ལོའི་ལྷག་དཀར་གཟེངས་རྟགས་གསལ་བསྒྲགས་སྤེལ་བའི་ནང་། རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་སུ་བཙན་བྱོལ་ནང་གི་བོད་དོན་འཐབ་རྩོད་པའི་ལྷག་དཀར་གཟེངས་རྟགས་དང་། མགོན་པོ་སྐྱིད་ལགས་སུ་སྙིང་སྟོབས་ཀྱི་གཟེངས་རྟགས། རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་སུ་བྱས་རྗེས་ཅན་གྱི་གཟེངས་རྟགས་ཕུལ་འདུག དེ་ཡང་འདི་ལོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་དོན་རང་དབང་རང་བཙན་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་བློ་དགའ་རང་བཙན་ལགས་ནི། བོད་དོན་ལས་འགུལ་བ་དང་རང་བཙན་འཐབ་རྩོད་པ་ཞིག་ཡིན་ཞིང་། ཁོང་ཕྱི་ལོ་ ༡༩༩༠ གོ་གྲངས་ལ་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ། རྒྱ་གར་ལྷོ་ཕྱོགས་ཀྱི་དགའ་ལྡན་བྱང་རྩེ་དགོན་པར་ཆོས་སྒོར་ཞུགས་པ་དང་། ཕྱི་ལོ་ ༢༠༠༦ ལོར་ཨ་རིར་གནས་སྤོ་གནང་འདུག ཨ་རིར་ཕེབས་རྗེས་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་ཁོང་གིས་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་མཉམ་ཞུགས་དང་སྣེ་ཁྲིད་གནང་ནས་བཞུགས་ཡོད། འདི་ལོའི་ ཟླ་བ་ ༧ ཚེས་ ༢ ཉིན་ཁོང་གིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་དུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ལ་ངོ་རྒོལ་གནང་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཡོད་པ་རེད། མགོན་པོ་སྐྱིད་ལགས་ནི་རྒྱ་ནག་གཞུང་གིས་གཞི་མེད་སྐྱོན་འཛུགས་འོག་འཛིན་བཟུང་བྱས་པའི་བོད་མི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་གཅེན་མོ་ཡིན་པ་དང་། འདས་པའི་ལོ་ངོ་བཞི་ལྷག་རིང་ཁོང་གིས་རང་ཉིད་ཀྱི་གཅེན་པོ་གློད་བཀྲོལ་ཡོང་ཐབས་སུ་ཁྲིམས་ཁང་མདུན་དུ་ངོ་རྒོལ་ཞུ་འབོད་གནང་བར་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་རྡུང་རྡེག་བཏང་ནས། རྨས་སྐྱོན་ཕོག་ཡོད་ནའང་། ཁོང་གིས་རྡོ་རྗེ་བཀྲིས་ལ་དྲང་བདེན་གྱི་ཐག་གཅོད་ཡོང་བར་མུ་མཐུད་ངོ་རྒོལ་ཞུ་གཏུག་གནང་བཞིན་ཡོད། འཇམ་དབྱངས་ནོར་བུ་ལགས་ནི་བོད་རང་བཙན་འཐབ་རྩོད་པ་དང་། རྩོམ་པ་པོ་ཞིག་ཡིན་པ་དང་། ཁོང་ཆུང་དུས་སུ་བལ་ཡུལ་གློ་ཁུལ་དུ་བསྐྱར་འཛུགས་བྱས་པའི་གློ་སྒྲིག་དང་བླངས་དམག་གི་ཁོངས་སུ་འཛུལ་ཞུགས་དང་། དེ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ་ཞུགས་ཏེ་བོད་དོན་འཐབ་རྩོད་ལ་ཞབས་ཞུ་སྒྲུབ་ཡོད། དེ་བཞིན་ཁོང་དང་འཐབ་གྲོགས་གཅིག་པ་ཁག་ཅིག་ནས་ཨ་སྨྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གསར་འཛུགས་ཀྱིས་བོད་ཀྱི་རིག་གཞུང་རྒྱུན་འཛིན་དར་སྤེལ་ཐོག་ཕྱག་ལས་གནང་ཡོད་པ་མ་ཚད། ད་བར་ཁོང་གིས། བརྗེད་ཟིན་པའི་རི་བོའི་བྲག་ཆ། སོགས་བོད་དང་འབྲེལ་བའི་དཔེ་དེབ་དང་། རྩོམ་ཡིག་མང་དག་ཅིག་བརྩམས་གནང་ཡོད། གཞི་རྩའི་ལྷག་དཀར་གཟེངས་རྟགས་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཕྱི་ལོ་ ༢༠༡༠ ལོར་གསར་འཛུགས་བྱས་རྗེས། ལོ་ལྟར་བོད་དོན་རང་དབང་རང་བཙན་གྱི་འཐབ་རྩོད་ལ་བྱས་རྗེས་ཅན་གྱི་ཚོགས་སྒེར་ཁག་ལ་འབུལ་གྱི་ཡོད་པ་དང་། ལོ་སྔོན་མའི་ལྷག་དཀར་གཟེངས་རྟགས་དེ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས་དང་། ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དབྱངས་ཅན་ལགས། བོད་ནང་གི་བོད་མི་ཚོར་བོད་ཕྱི་ནང་གཉིས་ཀྱི་གནད་དོན་གཙོ་བོར་འགྱུར་བའི་རྒྱལ་སྤྱིའི་གསར་འགྱུར་དུས་ཐོག་རྒྱང་སྲིང་གནང་མཁན་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། དེ་བཞིན་ཕྱི་སྡོད་ཧོང་ཀོང་མང་གཙོའི་ལས་འགུལ་བ་ Anna Kwok ཨ་ནཱ་ཝོཁ་ལགས་བཅས་ལ་ཕུལ་ཡོད་པ་རེད།

The post བློ་དགའ་རང་བཙན་ལགས་དང་། མགོན་པོ་སྐྱིད་ལགས། འཇམ་དབྱངས་ནོར་བུ་ལགས་སུ་ ༢༠༢༦ ལོའི་ལྷག་དཀར་གཟེངས་རྟགས་ཕུལ་འདུག appeared first on vot.

བོད་ཀྱི་གནད་དོན་མ་སེལ་བར་དུ་ཨེ་ཤི་ཡའི་བརྟན་ལྷིང་སྤྱི་དང་ཆུའི་བདེ་འཇགས་ལ་འགོག་རྐྱེན་མུ་མཐུད་གནས་རྒྱུ།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཁེ་ན་ཌའི་ Halifax རྒྱལ་སྤྱིའི་གླེང་སྟེགས་ཐེངས་ ༡༨ པའི་ཐོག་མཉམ་ཞུགས་དང་འབྲེལ་གསུང་བཤད་གནང་བའི་ཁྲོད། བོད་ཀྱི་གནད་དོན་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་མཚམས་ཀྱི་གནད་དོན་ཙམ་མ་ཡིན་པར། འཛམ་གླིང་སྤྱིའི་བདེ་འཇགས་དང་། བྱེ་བྲག་ཏུ་ཁོར་ཡུག་གི་བརྟན་ལྷིང་། ཆུའི་བདེ་འཇགས། དེ་བཞིན་མང་གཙོ་དང་རང་དབང་གི་འཐབ་རྩོད་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། མང་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་དེར་གདོང་ལེན་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་གལ་ཆེ་བ་དང་འབྲེལ། ཇི་སྲིད་བོད་ཀྱི་གནད་དོན་དེ་མ་སེལ་བར་དུ་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་ཁག་གི་བརྟན་ལྷིང་དང་། ཆུའི་བདེ་འཇགས་ལ་འགོག་རྐྱེན་མུ་མཐུད་གནས་རྒྱུ་ཡིན་པ་གསུངས་འདུག དེ་ཡང་ཉེ་ལམ་ཟླ་བ་འདིའི་ཚེས་ཕྱི་ཚེས་ ༢༠ ནས་ ༢༢ དབར་ཁེ་ན་ཌའི་ Novo Scotia གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Halifax International Security Forum འམ་ཧཱ་ལི་ཧྥེ་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཀྱི་གོ་སྒྲིག་འོག །དེང་གི་ཆར་རྒྱལ་སྤྱིའི་ཁྱོན་གྱི་བདེ་འཇགས་དང་དེའི་གནད་འགག་ཐད་གཏམ་བཤད་དང་བགྲོ་གླེང་། བསམ་ཚུལ་བརྗེ་རེས་ཀྱི་ལྷན་ཚོགས་ཐེངས་ ༡༨ པ་དེ་བཞིན་ཉིན་གསུམ་རིང་འཚོགས་ཡོད་པ་ལྟར། ལྷན་ཚོགས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲོད་འཆར་གཞི་ལྡན་པའི་ཐོག་ནས་དམར་ཤོག་གི་བསམ་བློ་གོང་མཐོར་གཏོང་བའི་ཐོག །རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མངོན་གསལ་དང་སྦྲགས། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག་བོད་མི་རྣམས་བཙན་བྱོལ་དུ་ཡོད་ཀྱང་མང་གཙོའི་ལམ་ལུགས་ཐོག་སྐྱོད་བཞིན་པ་ལྟར། མང་གཙོའི་རྒྱལ་ཁབ་ཁག་ནས་ནུས་པ་མཉམ་སྤུངས་ཀྱིས་ངེས་པར་དུ་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་དེར་གདོང་ལེན་དང་། བོད་མིའི་མང་གཙོ་སྲུང་སྐྱོབ་གནང་དགོས་པ་གསུངས་འདུག མ་ཟད། རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་ད་བར་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ལ་བོད་ནང་དུ་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁྲོད། བོད་ནང་གི་བོད་མིའི་ཆོས་དད་རང་དབང་གཙོས་སྨྲ་བརྗོད་རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་རྡོག་རོལ་གཏོང་བའི་ཐོག །བོད་མིའི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་དམ་དྲག་དང་། བོད་ཕྲུག་ས་ཡ་བརྒལ་བར་རྒྱ་ནག་གི་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་ནང་བཙན་བཅུག་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དང་ཆབས་ཅིག །ལྷག་དོན་ཉེ་ལམ་ལག་བསྟར་བྱེད་འགོ་བཙུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གཞིའི་འོག་བོད་མི་དང་། རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་བཙན་གྱིས་རྩ་མེད་བཟོ་བཞིན་པ་སོགས་ཐེར་འདོན་དང་སྦྲགས། མང་གཙོའི་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་ལ་འདི་ལྟ་བུའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་འཕྲལ་མར་མཚམས་འཇོག་དགོས་པར་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་གལ་ཡིན་པ་གསུངས་འདུག དེ་བཞིན་ཉེ་ལམ་བལ་བོད་ས་མཚམས་སུ་བྱུང་བའི་ཆུ་ལོག་གི་དོན་རྐྱེན་ལུང་འདྲེན་དང་སྦྲགས། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཅེས་སྲུང་བྱ་རྒྱུ་ལས་ལྡོག་སྟེ། རང་སྣང་གང་དྲན་གྱིས་ཆུ་མཛོད་སོགས་ཀྱི་འཛུགས་བསྐྲུན་ལས་གཞི་སྤེལ་བ། གཏེར་ཁ་གང་བྱུང་སྔོག་འདོན། དེ་བཞིན་ཆུ་བོའི་ཁ་ཕྱོགས་གང་བྱུང་བསྒྱུར་བ་སོགས་ཀྱིས་འདས་པའི་ལོའི་ནང་གཤམ་འོག་གི་རྒྱལ་ཁབ་ཁག་ལ་ཆུ་ལོག་དང་ས་ཡོམ་སོགས་ཀྱི་འབྱུང་བའི་གནོད་འཚེ་ཆབས་ཆེན་ཕོག་ཡོད་པ་དང་། ལྷག་པར་འཛམ་གླིང་གི་ཆུ་མཛོད་དུ་འབོད་པའི་བོད་དེ་བཞིན་ཧི་མ་ལ་ཡའི་རྒྱལ་ཁབ་ཁག་གཙོས་པའི་ཨ་ཤི་ཡའི་རྒྱལ་ཁབ་ཁག་གི་ཆུའི་འབྱུང་ཁུངས་གཙོ་བོ་ཆགས་ཀྱི་ཡོད་སྟབས། […]

The post བོད་ཀྱི་གནད་དོན་མ་སེལ་བར་དུ་ཨེ་ཤི་ཡའི་བརྟན་ལྷིང་སྤྱི་དང་ཆུའི་བདེ་འཇགས་ལ་འགོག་རྐྱེན་མུ་མཐུད་གནས་རྒྱུ། appeared first on vot.

རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ།
ཟླ་བ་འདིའི་ཚེས་ ༢༣ ནས་དེ་རིང་ཚེས་ ༢༥ བར་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནང་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ། སེར་བྱེས་མཁས་སྙན་གྲྭ་ཚང་དང་རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག །རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཐེངས་ ༤ པ་འཚོགས་འདུག དེ་ཡང་རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཉིན་དང་པོའི་ཕྱག་ཚོད་ ༩།༣༠ ཐོག་བགྲོ་གླེང་གི་དབུ་འབྱེད་མཛད་སྒོ་འཚོགས་འདུག་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་དཔལ་བཟང་པོ་མཆོག་དང་། རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ངག་དབང་སངས་རྒྱས་མཆོག །སེར་བྱེས་ཁྲིམས་བདག་དགེ་བསྐོས། དེ་བཞིན་ཕྱག་མཛོད་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་རིས་མེད་ཀྱི་མཁས་དབང་རྣམ་པ་དང་། ཐའེ་ལེནྜ་ནས་ཕེབས་པའི་དགེ་སློང་རྣམ་པ་དང་། གྲྭ་ཚང་གི་དཔེ་ཁྲིད་རྒན་ལགས་རྣམ་པ། དགེ་བཤེས་དང་སློབ་གཉེར་བ་སོགས་ལྷན་ཞུགས་གནང་འདུག དབུ་འབྱེད་མཛད་སྒོའི་ཐོག་རིས་མེད་མཐུན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་འགྱུར་མེད་རྡོ་རྗེ་ལགས་ནས་ཕེབས་བསུའི་གསུང་བཤད་གནང་བ་དང་། དེ་ནས་སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་དཔལ་བཟང་པོ་མཆོག་གིས་གཙོ་བོ་ཆོས་བརྒྱུད་ཚང་མས་མཐུན་སྒྲིལ་གནང་ཐུབ་ན་མི་རིགས་ནང་ཁུལ་ལ་རང་བཞིན་གྱི་མཐུན་ལམ་ཡོང་རྒྱུ་སྨོས་མེད་ཡིན་ལ། ཆོས་བརྒྱུད་ནང་ཕན་ཚུན་མཐུན་ལམ་དགོས་གལ་ཆེ་བའི་གསུང་བཤད་གནང་བ་དང་། དེ་རྗེས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཝཱ་ཎ་མཐོ་སློབ་ཀྱི་རྒྱ་གཞུང་སློབ་དཔོན་དགེ་བཤེས་དབང་གྲགས་ལགས་ནས་རིས་མེད་མཐུན་ཚོགས་ཀྱི་ངོ་སྤྲོད་དང་བགྲོ་གླེང་གོ་སྒྲིག་གི་བརྒྱུད་རིམ་ཁག་ངོ་སྤྲོད་གནང་བ་དང་འབྲེལ། ད་བར་རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ནས་རྒྱལ་ཡོངས་ནང་ཆོས་བགྲོ་གླེང་ཐེངས་ ༣ ཙམ་གོ་སྒྲིག་གནང་ཐུབ་པ་བྱུང་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་དེ་བཞིན་དེ་སྔོན་དང་མི་འདྲ་བར་རྒྱལ་སྤྱིའི་རྣམ་པ་ལྡན་པའི་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་གསུངས་འདུག ཉིན་རྒྱབ་ཕྱག་ཚོད་ ༡ པོ་ནས་རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་དེ་བཞིན་དངོས་སུ་འགོ་འཛུགས་ཞུས་འདུག་ཅིང་། ཐེངས་འདིའི་བགྲོ་གླེང་ཐོག་བརྗོད་གཞི་གཙོ་བོ་ཐེག་པ་ཆེ་ཆུང་མདོ་སྔགས་གཞུང་གི་ལྟ་གྲུབ་སྐོར་ལ་བགྲོ་གླེང་གནང་ཡོད་པ་རེད། མ་ཟད་བགྲོ་གླེང་ཐོག་གསུང་བཤད་པའི་ཁོངས་བོད་བརྒྱུད་ནང་བསྟན་གྱི་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་མཁས་དབང་རྣམ་པ་དང་། དེ་བཞིན་ Sri Lanka དང་ཐའེ་ལེནྜ་ནས་ཕེབས་པའི་གནས་བརྟན་སྡེ་བའི་དགེ་སློང་མཁས་པ་རྣམ་པས་གསུང་བཤད་དང་བགྲོ་གླེང་གནང་འདུག གཞི་རྩའི་རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ནས་བོད་ཀྱི་ཆོས་བརྒྱུད་ཁག་དང་སྔ་ཕྱི་གོ་རིམ་ལྟར་བགྲོ་གླེང་གོ་སྒྲིག་གནང་གི་ཡོད་པ་དང་ད་བར་རྒྱལ་ཡོངས་རིས་མེད་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་གོ་སྒྲིག་ཞུས་ཟིན་པ་དང་། རིས་མེད་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་ཐེངས་དང་པོ་དེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འཚོགས་ཡོད་པ་དང་། ཐེངས་གཉིས་པ་འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་སྒྲོལ་གླིང་གི་བཤད་གྲྭ་སྔ་འགྱུར་མདོ་རྒྱུད་ལེགས་བཤད་གླིང་དུ་གོ་སྒྲིག་ཞུས་ཡོད་པ་མ་ཟད། བགྲོ་གླེང་ཐེངས་གསུམ་པ་དེ་གདན་ས་དཔལ་སྤུངས་ཤེས་རབ་འཇམ་དཔལ་གླིང་དུ་འཚོགས་ཡོད་པ་རེད།

The post རྒྱལ་སྤྱིའི་ནང་ཆོས་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ། appeared first on vot.

བཟོ་རིག་པའི་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
བོད་ཀྱི་སྲོལ་རྒྱུན་གྱི་བཟོ་རིག་སྒྱུ་རྩལ་ལ་དོ་སྣང་ཇེ་ཉུང་དུ་འགྲོ་བཞིན་པ་དང་། ལྷག་པར་མི་བཟོས་རིག་ནུས་ཀྱི་བཀོལ་སྤྱོད་རྒྱ་ཡན་དུ་འགྲོ་བའི་དུས་སྐབས་སུ། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གཞི་བཅོལ་བའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་གསར་པ་ཞིག་དབུ་འབྱེད་གནང་སོང་། དེ་ཡང་དེ་རིང་ཟླ་བ་ ༡༡ ཚེས་ ༢༣ ཉིན་དཀར་ཐིག་སྒྱུ་རྩལ་ཚོགས་པའི་འཇམ་དབྱངས་བསྟན་འཛིན་ལགས་དང་། སེ་ལ་ཀུ་བོད་ཁྱིམ་སློབ་གྲྭའི་རི་མོའི་དགེ་རྒན་ངག་དབང་ཚེ་རིང་ལགས་གཉིས་ཀྱི་འགན་ཁུར་རྩོམ་སྒྲིག་འོག སྒྲིག་འཛུགས་ལྡན་པའི་བོད་ཀྱི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་གསར་པ། “བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ།” ཞེས་པ་དབུ་འབྱེད་དང་སྦྲགས། བོད་སློབ་ཁག་གི་སྒྱུ་རྩལ་དགེ་རྒན་རྣམས་ལ་དམིགས་པའི་དམིགས་བསལ་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་། དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ནང་གསལ་ལྟར་ན། སྒྱུ་རྩལ་བསླབ་གཞིའི་དཔེ་དེབ་དེ་ནི། བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་རིག་གནས་དང་། དེང་རབས་ཀྱི་སྒྱུ་རྩལ་དང་སློབ་ཁྲིད་ལག་ལེན་ལ་གཞི་བཞག་ནས་རྩོམ་སྒྲིག་བྱས་པའི་གོ་རིམ་སྒྲིག་འཛུགས་ལྡན་པའི་སྒྱུ་རྩལ་དང་བཟོ་བཀོད་ཀྱི་བསླབ་གཞི་ཐོག་མ་ཡིན་པ་འགྲེལ་བརྗོད་གནང་གི་འདུག་ལ། བསླབ་གཞི་དེ་བརྒྱུད་ནས་བོད་མིའི་སློབ་གྲྭ་ཁག་ཏུ་སྒྱུ་རྩལ་དང་བཟོ་བཀོད་ཀྱི་ཤེས་ཡོན་གནས་བབ་གོང་མཐོར་གཏང་རྒྱུ་མ་ཚད། སློབ་གཉེར་བའི་རྒྱུད་ལ་རང་ཉིད་ཀྱི་རིག་གནས་ལ་བརྟེན་པའི་སྒྱུ་རྩལ་ལ་དང་འདོད་སྐྱེ་བར་སེམས་འགུལ་ཐེབས་ཐུབ་པའི་རེ་བ་གནང་གི་འདུག རྩ་བའི་བོད་ཀྱི་དཔལ་ཡོན་དར་འཕེལ་ལོ་རྒྱུས་ཁྲོད་རིག་གནས་བཅུའི་རྣམ་གཞག་དར་རྒྱས་བྱུང་ཡོད་ནའང་། དུས་ཀྱི་འགྱུར་བ་དང་། ལྷག་པར་དུ་ད་ལྟ་མི་བཟོས་རིག་ནུས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་སུ། གནའ་བོའི་སྲོལ་རྒྱུན་གྱི་རིག་གནས་དང་། དེའི་ལག་ལེན་ཁག་རིམ་པས་ཉམས་འགྲོ་བའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད། དཔེ་དེབ་དབུ་འབྱེད་ཐོག་ཕེབས་པའི་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། མི་བཟོས་རིག་ནུས་ཀྱི་འཕེལ་ཚད་ཧ་ཅང་མགྱོགས་པོ་འགྲོ་བཞིན་པའི་ད་ལྟའི་དུས་སུ་གནའ་བོའི་རིག་གནས་རྣམས་བརླག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས། གནའ་བོའི་སྲོལ་རྒྱུན་རྣམས་དེང་རབས་ཀྱི་འགྱུར་བ་དང་མཉམ་དུ་བསྟུན་མཁས་པོ་བྱས་ཏེ་མདུན་སྐྱོད་བྱེད་དགོས་པ་དང་། དེ་དང་མཉམ་དུ་བཟོ་རིག་པའི་སྒྱུ་རྩལ་དེ་དག་བཟོ་སྐྲུན་ཚོང་སྒྱུར་བྱས་པའི་ཐོག དཔལ་འབྱོར་ཐོག་ནས་རང་ཁ་རང་གསོ་ཡོང་ཐབས་ལ་འབད་རྩོལ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་། དེ་བཞིན་སྐུ་མགྲོན་དུ་ཕེབས་མཁན་ཨོསྟྲི་ལི་ཡ་གནས་བཞུགས་སྒྱུ་རྩལ་བ་ཀརྨ་ཕུན་ཚོགས་ལགས་ཀྱིས་ཁོང་ཉིད་ཕྱི་རྒྱལ་དུ་བཞུགས་ཀྱི་ཡོད་ནའང་། རང་ཉིད་ཀྱི་ངོ་བོ་དང་རིག་གཞུང་རྒྱུན་འཛིན་སླད་ནང་པའི་གཞུང་ལུགས་ལ་བརྟེན་པའི་རི་མོའི་སྒྱུ་རྩལ་ལག་ལེན་བྱེད་ཀྱི་ཡོད་པར་སྤོབས་པ་ཡོད་ཅེས་གསུང་གི་འདུག ཕྱོགས་མཚུངས་གདན་ཞུས་སྐུ་མགྲོན་སྐུའི་ན་བཟའ་ཆེན་མོ་ལགས་ཀྱིས། ད་ལྟའི་དུས་སུ་བོད་ཀྱི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་ལ་དོ་སྣང་བྱེད་མཁན་ཧ་ཅང་དཀོན་པོ་ཡོད་པ་དང་། ལྷག་པར་དུ་གཞོན་སྐྱེས་ཁྲོད་དུ་སྲོལ་རྒྱུན་གྱི་སྒྱུ་རྩལ་ལ་དང་འདོད་བྱེད་མཁན་ཧ་ཅང་དཀོན་པོ་ཡོད་དུས། མ་འོངས་པར་རིག་གནས་དེ་དག་རྒྱུན་འཛིན་བྱེད་མཁན་མེད་པར་བརླག་སྲིད་པའི་ཐུགས་འཚབ་ཡོད་པ་གསུངས་སོང་། བསླབ་གཞི་དཔེ་དེབ་དེའི་ནང་དུ་རི་མོ་འབྲི་མཁན་ ༥༥ ཡི་རི་མོའི་བརྩམས་ཆོས་ ༡༣༠ ཡོད་པ་དང་། རི་མོ་འབྲི་མཁན་ཡོངས་རྫོགས་བོད་མི་ཡིན་པ་དང་། དེའི་ནང་ནས་རི་མོ་འབྲི་མཁན་ ༡༧ བོད་ནང་ནས་ཡིན་པ་རེད་འདུག བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དབུ་འབྱེད་དང་མཉམ་དུ་ཟླ་བ་འདིའི་ཚེས་ ༢༢ ནས་ ༢༨ བར་བདུན་ཕྲག་གཅིག་རིང་བོད་མིའི་སློབ་གྲྭ་ཁག་གི་སྒྱུ་རྩལ་དགེ་རྒན་ ༣༠ ལྷག་ལ་སྲོལ་རྒྱུན་དང་དེང་རབས་སྒྱུ་རྩལ་མཉམ་སྦྲེལ་གྱི་ཟབ་སྦྱོང་ཞིག་གནང་རྒྱུ་རེད་འདུག་ལ། ཟབ་སྦྱོང་ནང་དགེ་རྒན་རྣམས་ལ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དང་། ཐང་ཀའི་འབྲི་བཞེངས་ཀྱི་སྒྱུ་རྩལ། ཁང་བཟོའི་བཀོད་པ། […]

The post བཟོ་རིག་པའི་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད། appeared first on vot.

ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཡུལ་སྐོར་སྤྲོ་འཆམ་རྒྱ་སྐྱེད་ཚན་པས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ངོ་སྤྲོད་ལ་དམིགས་པའི་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་ཞིག་དབུ་འབྱེད་གནང་འདུག ཁ་ཉིན་ཚེས་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནང་རྟེན་གཞི་བྱས་པའི་རླུང་རྟ་མགྲོན་ཁང་དུ་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ།  རླུང་རྟ་མགྲོན་ཁང་གི་སྦྱིན་བདག་བཅས་ལྷན་འཛོམས་ཐོག་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་འདུག་ཅིང་། དེ་ནི་གཙོ་བོ་ཉེ་བའི་ལོ་ཤས་ནང་རྒྱ་གར་རྒྱལ་ཡོངས་སུ་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་བཞིན་ཡོད་པ་དང་དེའི་ནང་ནས་བོད་མིའི་གཞིས་ཆགས་ཁག་གི་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་དག་ཅིག་སླེབས་ཡོད་པའི་ཁྲོད་ཀོ་ལེ་གྷལ་དོན་ལྡན་གླིང་ནང་གི་ཡུལ་སྐོར་སྤྲོ་འཆམ་པའི་གནས་སྟངས་ལ་གཟིགས་རྟོག་གནང་ཕྱིར་བོད་མིའི་མཁས་ལས་མི་སྣ་ཆེད་འབོད་ཀྱིས་སྒྲུབ་དོན་བརྙན་ཞིག་འདོན་སྤེལ་གནང་ཡོད་པར་གཞི་བཞག་གིས་ནང་སྲིད་ལས་ཁུངས་ཀྱི་ཡུལ་སྐོར་སྤྲོ་འཆམ་རྒྱ་སྐྱེད་ཚན་པ་ཞེས་པ་ཞིག་ཆེད་འཛུགས་གནང་ཡོད་སྟབས། ཚན་པ་འདིས་ད་རེས་ཀོ་ལེ་གྷལ་གཞིས་ཆགས་ནང་གི་བོད་མི་སྒེར་བདག་མགྲོན་ཁང་ཞིག་དང་ཟུང་འབྲེལ་གྱིས་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་ཞིག་སྤེལ་བའི་བརྒྱུད་གཞི་ཆགས་སྲ་བརྟན་གནས་རྒྱུ་ཙམ་མ་ཟད། གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་དང་གཞི་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་ཡོང་ཐབས། ལྷག་པར་དུ་ཡུལ་སྐོར་སྤྲོ་འཆམ་པའི་ཁྲོད་བོད་མིའི་ཆོས་དང་རིག་གཞུང་དར་སྤེལ་གཏོང་རྒྱུ་བཅས་ཀྱི་དམིགས་ཚད་བཟུང་ཡོད་པ་རེད་འདུག འདི་གའི་གསར་འགོད་པས་ལས་གཞི་དེ་དང་འབྲེལ་ནས་ཀོ་ལེ་གྷལ་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་ཡོད། རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་འདིའི་ཆེད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཡུལ་སྐོར་སྤྲོ་འཆམ་རྒྱ་སྐྱེད་ཚན་པས་སྤུས་ཚུད་ལྡན་པའི་རྐང་འཁོར་ཆེ་ཆུང་འདྲ་མིན་བཅུ་ཙམ་མཁོ་སྤྲོད་གནང་འདུག་ཅིང་། དེ་ལ་རླུང་རྟ་མགྲོན་ཁང་གི་སྦྱིན་བདག་བསྟན་འཛིན་བྱང་ཆུབ་ལགས་ཀྱིས་འགན་ཁུར་བཞེས་པའི་ཐོག་གཞིས་ཆགས་ཀྱི་མཛེས་ལྗོངས་ལྡན་པའི་ལམ་ཕྲན་དང་གྲོང་གསེབ་ཀྱི་ཡུལ་ལྗོངས། རིག་གཞུང་གི་མཛེས་སྡུག་བཅས་རྐང་འཁོར་བཞོན་ནས་ཉམས་སུ་མྱོང་ཐུབ་པའི་ཆེད་ཞོགས་པའི་རྐང་འཁོར་སྐྱོད་ལམ་ལ་སྤྱི་ལེ་ ༡༡ བཞག་ཡོད་པ་དང་དེ་བཞིན་ཕྱི་དྲོའི་རྐང་འཁོར་སྐྱོད་ལམ་ལ་སྤྱི་ལེ་ ༦ བཞག་ཡོད་པ་མ་ཟད། གཞིས་ཆགས་ནང་གི་བོད་མི་གཞོན་སྐྱེས་རྣམས་ལ་རྐང་འཁོར་ལམ་སྟོན་པའི་ལས་ཀའི་གོ་སྐབས་བསྐྲུན་པའི་བརྒྱུད་ཡུལ་སྐོར་སྤྲོ་འཆམ་པ་རྣམས་གཞིས་ཆགས་ཀྱི་མཛེས་སྡུག་ལྡན་པའི་ས་ཚིགས་ཁག་ཅིག་ལ་འཁྲིད་རྒྱུ་དང་དེ་མིན་རང་གི་འགྲོས་དང་བསྟུན་ནས་ཉིན་གཅིག་གི་རིང་ལ་རྐང་འཁོར་གླ་གཡར་ཆོག་པའི་མཐུན་རྐྱེན་ཡང་བསྐྲུན་ཡོད་པ་རེད་འདུག རྩ་བའི་ཀོ་ལེ་གྷལ་དོན་ལྡན་གླིང་གཞི་ཆགས་ནང་དབུ་འབྱེད་གནང་བའི་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་འདི་བཞིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཡུལ་སྐོར་སྤྲོ་འཆམ་རྒྱ་སྐྱེད་ཚན་པས་བོད་མིའི་གཞིས་ཆགས་ཁག་ ༤༨ ཡོད་པའི་ནང་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་སླེབས་སའི་གཞིས་ཆགས་ཁག་གསུམ་སྟེ་ཀོ་ལེ་གྷལ་དོན་ལྡན་གླིང་དང་ལ་དྭགས་བསོད་ནམས་གླིང་། དེ་བཞིན་སྦེལ་ཀོབ་བཅས་གསུམ་འདེམས་སྒྲུག་གིས་དེ་དག་ནང་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་བཟོ་སྐྲུན་བྱེད་ཐུབ་ཚེ་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་དང་བོད་མིའི་ཆོས་དང་རིག་གཞུང་དར་སྤེལ་ཡོང་བར་ཕན་ཐོགས་ཡོད་པར་གཟིགས་ནས་གནང་བ་ཞིག་ཆགས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་ལས་གཞི་འདི་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནང་མ་གཏོགས་གཞན་གཞིས་ཆགས་གཉིས་ནང་དེ་སྔོན་ཨ་རིའི་རོགས་ཚོགས་ཀྱི་རོགས་དངུལ་གནས་སྐབས་བཀག་འགོག་བྱས་པའི་རྐྱེན་གྱིས་སྤེལ་མ་ཐུབ་པར་ལྷག་ཡོད་འདུག

The post ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད། appeared first on vot.

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་མཧི་ཀལ་མེ་ཀོལ་ལགས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེས་བོད་མིར་རེ་བའི་གསོན་ཤུགས་སྤྲད་ཡོད་པ་བཀའ་སྩལ།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་མཧི་ཀལ་མེ་ཀོལ་ལགས་སླར་ཡར་གྲོས་ཚོགས་འཐུས་མིར་བཞེངས་རྒྱུ་མིན་པའི་ཐག་གཅོད་གསལ་བསྒྲགས་གནང་བའི་རྗེས། ཟླ་བ་ ༡༡ ཚེས་ ༡༨ ཉིན་ཁོང་གིས་ལོ་ངོ་བཅུ་ཕྲག་གཉིས་ཙམ་རིང་སྤྱི་དམངས་ཀྱི་ཞབས་ཞུ་བསྒྲུབ་པར་ཆེ་བསྟོད་མཛད་སྒོ་ཞིག་འཚོགས་པའི་ཐོག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་སྩལ་ནས། གྲོས་ཚོགས་འཐུས་མི་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་འདུག དེ་ཡང་མཛད་སྒོའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཅཊ་གྷེ་རི་ལགས་ཀྱིས་བརྙན་ཐུང་བརྒྱུད་༸གོང་ས་མཆོག་གིས་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་དུ། “ངོས་ཀྱིས་རྒྱུན་རིང་ནས་ཨ་རིའི་མང་གཙོ་དང་། འདྲ་མཉམ་ཀྱི་རིན་ཐང་ལ་ཡིད་སྨོན་སྐྱེ་མྱོང་། ཨ་རིའི་གཞི་རྩ་བརྟན་པའི་མང་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་གྱིས་རྒྱལ་སྤྱིའི་སྟེང་ཞབས་འདེགས་ཆེན་པོ་བསྒྲུབས་ཡོད། བྱས་ཙང་། ངས་སྐུ་ཉིད་ཀྱིས་རྒྱུན་རིང་མི་མང་གི་བདེ་སྡུག་ལ་ཕན་པའི་ཞབས་ཞུ་སྒྲུབ་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོའི་ཐུགས་འགན་བཞེས་པའི་རིང་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་ཐོག་ལས་དོན་རྒྱ་ཆེ་སྤེལ་བ་དེས་ཆབ་སྲིད་ཚོགས་པའི་ཁེ་ཕན་བཞག་ནས་རྒྱ་ཆེ་ས་ནས་ཨ་རིའི་མི་མང་གི་བདེ་དོན་སྒྲུབ་པ་མཚོན་གྱི་ཡོད།” ཅེས་དང་། དེ་བཞིན་མགོན་པོ་མཆོག་གིས་སྐུ་ཞབས་མཧི་ཀལ་མཆོག་ནས། བོད་དང་བོད་མིར་དོ་སྣང་དང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་། ལྷག་པར་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ཁག་ལ་རྒྱབ་སྐྱོར་གནང་བ་དེས་བོད་མི་ཚོ་ལ་རེ་བ་དང་སེམས་ཤུགས་སྤར་ཡོད་ཅེས་བཀའ་གནང་བ་དང་ཆབས་ཅིག འབྱུང་འགྱུར་ཡང་བོད་མིའི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཞི་བའི་ལམ་ལ་ཨ་རི་གཞུང་གིས་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད་པ་བཀའ་སྩལ་འདུག གཞན་ཡང་༸གོང་ས་མཆོག་གིས། “དེ་སྔོན་སྐུ་ཉིད་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་ནས་རྡ་རམ་ས་ལར་ཕེབས་པར་སེམས་ཚོར་ཆེན་པོ་བྱུང་། སྐུ་ཉིད་དང་སྐུ་ཉིད་ཀྱི་སྐུ་ཟླ་གཉིས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུགས་སྣང་གནང་གི་ཡོད་པ་དེས་སྐུ་ཉིད་དང་བོད་བར་གྱི་འབྲེལ་བ་དེ་གཞུང་འབྲེལ་གྱི་ལས་འགན་ལས་ཀྱང་ལྷག་པ་ཆགས་ཡོད།” ཅེས་བཀའ་གནང་རྗེས་འབྱུང་འགྱུར་གྱི་ལས་དོན་མཐའ་དག་བྱ་བ་ལམ་འགྲོ་ཡོང་བའི་ཐུགས་སྨོན་མཛད་འདུག གཞི་རྩའི་ཨ་རིའི་མངའ་སྡེ་ R-Texas ནས་ཡིན་པའི་གྲོས་ཚོགས་འཐུས་མི་མཧི་ཀལ་མེ་ཀོལ་ལགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ཙམ་རིང་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་ནས་སྤྱི་དམངས་ཀྱི་ཞབས་ཞུ་བསྒྲུབས་ཡོད་པ་དང་། ལྷག་པར་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོའི་ཐུགས་འགན་བཞེས་པའི་སྐབས་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་ལ་རྒྱབ་སྐྱོར་ཆེན་པོ་གནང་ཡོད། འདི་ལོའི་ཨ་རིའི་དུས་སྐབས་བར་མའི་འོས་བསྡུའི་སྐབས་ཁོང་གིས་བསྐྱར་དུ་གྲོས་ཚོགས་འཐུས་མིར་བཞེངས་རྒྱུ་མིན་པའི་ཐག་གཅོད་གསལ་བསྒྲགས་གནང་ཡོད་པ་རེད། །

The post ༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་མཧི་ཀལ་མེ་ཀོལ་ལགས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེས་བོད་མིར་རེ་བའི་གསོན་ཤུགས་སྤྲད་ཡོད་པ་བཀའ་སྩལ། appeared first on vot.

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་ཁ་ཕྱོགས་བཙན་བསྒྱུར་བྱེད་བཞིན་པ།
བོད་བརྒྱུད་ནང་བསྟན་ལ་དབང་སྒྱུར་བརྒྱུད་ནས་མ་འོངས་པ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུ་བོད་མིར་དབང་སྒྱུར་བྱ་ཐབས་ཀྱི་འོག་གྲབས་སྒྲིག་བཞིན་པ་ཐེར་འདོན་གནང་འདུག དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། From Spiritual Lineage to Party Guidelines: Reshaping Tibet’s Faith བོད་ཀྱི་དད་མོས་ལ་བསྐྱར་སྒྲིག །ཆོས་ཕྱོགས་ཀྱི་ལམ་ལུགས་ནས་གཞུང་གི་རྩ་འཛིན་བར་ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་སྲོལ་རྒྱུན་གྱི་ལམ་ལུགས་རྩ་གཏོར་གྱིས། འཆར་གཞི་ལྡན་པའི་ཐོག་ནས་ཆབ་སྲིད་ཀྱི་དགོས་དམིགས་འོག་སྒྲོམ་གཞི་གསར་བཟོ་བྱས་ཏེ། བོད་ཀྱི་དགོན་སྡེ་ཁག་དང་ཆོས་ཕྱོགས་ཀྱི་འགོ་ཁྲིད་ལ་དབང་སྒྱུར་དང་། ༸གོང་ས་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུ་བོད་མིར་དབང་སྒྱུར་འོག་གྲབས་སྒྲིག་བཞིན་པ་ཐེར་འདོན་གནང་འདུག སྙན་ཐོ་དེའི་ནང་ད་དུང་ཕྱི་ལོ་ ༢༠༢༥ དང་ ༢༠༢༦ ལོའི་ནང་རྒྱ་གཞུང་གིས་བཀོད་ཁྱབ་དང་ཞིབ་འཇུག །ཁྲིམས་སྒྲིག་བཅས་ལ་གཞི་བཅོལ་བའི་ཐོག་ནས། བོད་བརྒྱུད་ནང་བསྟན་ལ་དམ་བསྒྲགས་ཙམ་མིན་པར་དུས་རབས་མང་པོའི་རིང་ནས་ཡོད་པའི་སྲོལ་རྒྱུན་གྱི་བླ་སློབ་དང་དགེ་རྒན་དགེ་ཕྲུག་གི་འབྲེལ་བ། བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལམ་ལུགས་སོགས་ལ་བཙན་བསྒྱུར་བྱེད་འགོ་བཙུགས་ཏེ། ཕུག་རྒྱང་རིང་པོའི་དབང་སྒྱུར་བྱ་ཐབས་ཀྱི་ཆ་ལག་གསར་བཟོ་བཀོད་སྒྲིག་བྱེད་བཞིན་པ་གསལ་འདོན་དང་། གསར་བཟོ་བྱས་པའི་ཁྲིམས་སྒྲིག་དེ་དག་གི་བརྒྱུད་ནས་ད་དུང་སུ་ཞིག་ནང་པ་བྱ་འདོད་ཡོད་པ་དང་། དགེ་རྒན་བཀོད་སྒྲིག །ཆོས་ཕྱོགས་ཀྱི་མཚན་གནས། དགོན་པའི་འཛིན་སྐྱོང་བཅས་ལ་སྟངས་འཛིན་བྱ་རྒྱུ་ཡིན་པ་མངོན་གསལ་གནང་འདུག ཁྲིམས་སྒྲིག་དང་སྲིད་བྱུས་དེ་དག་ལག་བསྟར་བྱེད་མཁན་གཙོ་བོ་འཐབ་ཕྱོགས་གཅིག་འགྱུར་ཁང་དང་རྒྱ་ནག་ནང་པ་མཐུན་ཚོགས་ཡིན་ཞིང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་བསྒྲུབ་བྱ་བསྐྱར་བཅོས་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་ལ་དམིགས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར་དགོས་ལུགས་ཙམ་མ་ཟད། ཞི་ཅིན་ཕིང་གི་བསམ་བློ་ལྟར་དུས་རབས་གསར་པའི་ནང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སློབ་སྦྱོང་དང་ལག་བསྟར་བརྒྱུད། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་རྒྱུ་དང་། དམར་ཤོག་ཚོགས་པའི་ཆོས་ཕྱོགས་གཞི་རྩའི་སྲིད་བྱུས་དོན་འཁྱོལ་ཡོང་བར་རོགས་འདེགས་བྱ་དགོས་ལུགས་སོགས་འཁོད་ཡོད་པ་ཐེར་འདོན་གནང་འདུག དེ་བཞིན་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་བོད་བརྒྱུད་ནང་བསྟན་ལས་དོན་ཚོགས་ཆུང་གིས། ལོ་ལྔ་ཚན་གྱི་འཆར་གཞི་ཁྲོད། (༢༠༢༦ ནས་ ༢༠༣༠) བོད་བརྒྱུད་ནང་བསྟན་ཀྱི་ནང་མའི་ཁྲིམས་སྒྲིག་འཛིན་སྐྱོང་ཡར་རྒྱས་གཏོང་རྒྱུ་ཡིན་ལུགས་ཆོད་སེམས་བརྟན་པོ་ཡོད་སྐོར་གཏན་འབེབས་དང་། ལྷག་པར་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཆབ་སྲིད་བཀའ་ཁྱབ་གསལ་སྟོན་ཐོག །ཆབ་སྲིད་ཀྱི་ལང་ཕྱོགས་ལེགས་བཅོས་གཏང་དགོས་ངེས་དང་ལྟ་བའི་ལམ་སྟོན་ནུས་པ་རྒྱ་སྐྱེད་བྱ་རྒྱུ་བསྐྱར་ནན་བྱས་ཡོད་པ་མངོན་གསལ་གནང་འདུག །སྙན་ཐོ་དེའི་ནང་ད་དུང་ཕྱི་ལོ་ ༡༩༩༥ […]

The post རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་ཁ་ཕྱོགས་བཙན་བསྒྱུར་བྱེད་བཞིན་པ། appeared first on vot.

ལོ་རྒྱུས་ཐོག་བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་གྱུར་མྱོང་མེད་པ་རེད་ཅེས་གསུངས་འདུག
རྒྱ་ནག་གི་ཡིག་ཆ་ནང་ལའང་བོད་དེ་བཞིན་རྒྱ་ནག་གི་མངའ་འོག་ཏུ་ཚུད་མྱོང་བའི་དཔང་རྟགས་གང་ཡང་མེད་པ་རེད་ཅེས་གསུངས་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་བྱང་ཨ་རིར་གཞུང་འབྲེལ་འཚམས་གཟིགས་ཁྲོད། ཁ་སང་ཚེས་ ༡༨ དགོང་མོར་བྱང་ཀེ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་མིང་མང་རྣམས་ལ་གཏམ་བཤད་དང་དྲི་བ་དྲི་ལན་གྱི་ལས་རིམ་ཞིག་སྐོང་འཚོགས་གནང་འདུག་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གི་གཙོས་བོད་མི་མང་སྤྱི་འཐུས་ཚེ་བརྟན་ཕུན་ཚོགས་ལགས་དང་། ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། དེ་བཞིན་བྱང་ཀེ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་མཚོ་ལགས་དང་མི་མང་བཅས་མཉམ་ཞུགས་གནང་འདུག གཏམ་བཤད་དང་སྦྲགས་སྲིད་སྐྱོང་མཆོག་གིས་འབུམ་རམས་པ་སློབ་དཔོན་ Hon-Shiang Lau ལགས་ཀྱི་བྲིས་པའི་བོད་འདི་ནམ་ཡང་བོད་ཀྱི་ཆ་ཤས་མ་རེད་ཅེས་པའི་དཔེ་དེབ་ངོ་སྤྲོད་གནང་བའི་བརྒྱུད། བོད་འདི་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་པ་དེ་ནི་ཁ་སྟོང་པ་ཙམ་མ་ཡིན་པར་ལོ་རྒྱུས་ཀྱི་དཔང་རྟགས་ཡོད་པ་མ་ཟད། རྒྱ་ནག་གི་ཡིག་ཆ་ཁག་ལ་གཞི་བཅོལ་ནས་བོད་འདི་ས་ཆའི་བདག་དབང་དང་ཁྲལ་བསྡུ་བཅས་གང་གི་ཐོག་ནས་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་གྱུར་མྱོང་མེད་པ་གསལ་སྟོན་གནང་འདུག མ་ཟད་སྲིད་སྐྱོང་མཆོག་གི་དེང་སྐབས་རྒྱ་ནག་གིས་ཕྱོགས་ནས་གསེར་བུམ་དཀྲུག་པའི་ལམ་ལུགས་བརྒྱུད་ནས་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ལ་ཐེ་བྱུས་བྱེད་ཀྱི་ཡོད་ནའང་། རྒྱ་ནག་གི་ཡིག་ཆ་ལ་ཞིབ་ཚགས་ཀྱིས་ཞིབ་འཇུག་གནང་བའི་བརྒྱུད་གསེར་བུམ་དཀྲུག་དོན་གྱི་སྐོར་གང་ཡང་གསལ་གྱི་མེད་པ་དང་བོད་ཀྱི་བླ་སྤྲུལ་ཡང་སྲིད་བྱེད་ཕྱོགས་ཐད་གསེར་བུམ་དཀྲུག་པའི་ལམ་ལུགས་ཡོད་པའི་དཔང་རྟགས་གང་ཡང་མེད་པ་རེད་ཅེས་ནན་བརྗོད་དང་སྦྲགས། བོད་པའི་གཞོན་སྐྱེས་དང་ལོ་རྒྱུས་ལ་དོ་སྣང་ཡོད་པ་རྣམས་ནས་ངེས་པར་དུ་གནད་དོན་དེ་དག་ཤེས་དགོས་ངེས་ཡིན་པ་གསུངས་འདུག ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བོད་མི་ནང་ཁུལ་ལྟ་བ་ལངས་ཕྱོགས་མི་འདྲ་བ་ཡོད་ནའང་། ལྟ་བ་དེ་དག་གི་བརྒྱུད་ནས་ནང་འཁྲུག་རྒྱག་པ་ལས་རྒྱ་ནག་ལ་ཕར་ཁ་ཕྱོགས་ནས་འཐབ་རྩོད་གནང་དགོས་གལ་ཡིན་པ་མ་ཟད། ལྟ་བ་ལངས་ཕྱོགས་ལ་བརྟེན་ནས་ནང་འཁྲུག་རྒྱག་པ་ཡིན་ན་བོད་པའི་སྤྱི་ཚོགས་ཀྱི་ནུས་པ་ཡོད་པ་དེ་རིམ་པའི་ཉམས་རྒྱུད་དུ་འགྲོ་སྲིད་པ་དང་འཆམ་མཐུན་གྱི་རྨང་གཞི་ལ་དོ་ཕོག་གཏོང་སྲིད་པ་རེད་ཅེས་ནན་བརྗོད་དང་སྦྲགས། བོད་མི་ཚང་མས་དམིགས་ཡུལ་གཅིག་གི་ཐོག་ལ་གོམ་པ་མདུན་སྤོ་གནང་དགོས་པ་གསུངས་འདུག ལས་རིམ་ལྟར་ན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨ་རིའི་ནང་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་དང་སྦྲགས། སང་ཉིན་ནས་བཟུང་ཁེ་ན་ཌར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་མ་ཟད། སྐབས་དེར་ས་གནས་ཀྱི་གྲོས་ཚོགས་འཐུས་མི་དང་ས་གནས་ཀྱི་བོད་མི་རྣམས་དང་ལྷན་ཐུག་འཕྲད་གནང་རྒྱུ་ཡིན་པ་དང་། རིམ་པའི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མི་གཞིས་ཆགས་གཙོས་པའི་ས་གནས་ཁག་གཅིག་ལ་ཆེད་ཕེབས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༢༠ བར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་རེད་འདུག

The post ལོ་རྒྱུས་ཐོག་བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་གྱུར་མྱོང་མེད་པ་རེད་ཅེས་གསུངས་འདུག appeared first on vot.